༼  མགྲོན་ཤོག༽
བརྗོད་གཞི།      ༧གོང་ས་མཆོག་ལ་བརྟན་བཞུགས་གསོལ་འདེབས།   ལྷ་ལྕམ་རྗེ་བཙུན་པད་མ་མཆོག་ལ་གྱ་སྟོན་དང་།ཕྱི་ལོ་༢༠༢༠་ཟླ་༡༠་པར་བོད་ཁྱིམ་གསར་འཛུགས་ བསྐྱངས་ནས་ལོ་ངོ་དྲུག་ཅུ་ཧྲིལ་པོ་འཁོར་བའི་དུས་དྲན་སྲུང་བརྩི་ཞུ་འཆར།

༄༅།  །མཛའ་བརྩེ་ལྡན་པའི་བོད་ཁྱིམ་ཁྱིམ་ཚང་ཆེན་མོར་བསླན་པའི་སློབ་ལས་ཟུར་པ་ཡོངས་ཀྱི་སྙན་ལམ་དུདེ།       
                                                                                                                                                                                                                                                    ཞུ་གསོལ།

རང་རེ་ཕ་ཡུལ་བོད་ལྗོངས་སུ་སྐྱེས་བུ་མཚན་གནས་ལྡན་པ་རྣམས་དགུང་གྲངས་བརྒྱད་ཅུར་སོན་སྐབས་དེ་དག་གི་རླབས་ཆེན་མཛད་ཕྲིན་ལ་བཀྲིན་རྗེས་དྲན་དང་སྐུ་ཚེ་ཡུན་བསྲིང་རྟགས་རྟེན་སླད་གྱ་སྟོན་ཞེས་དམིགས་བསལ་ཆེ་བསྟོད་འབུལ་སྲོལ་ཡོད་པ་བཞིན་དུས་སང་ཕྱི་ལོ་༢༠༢༠་ཟླ་༧པའི་ཚེས་ཤར་དང་འབྲེལ་ང་ཚོས་གུས་བརྩི་ཞུ་ཡུལ་ལྷ་ལྕམ་རྗེ་བཙུན་པད་མ་མཆོག་དགུང་གྲངས་བརྒྱད་ཅུར་ཕེབས་སོན་འགྱུར་ངེས་ལགས་ན།  བོད་ཁྱིམ་ཚོགས་སྡེར་འབྲེལ་ཡོད་མང་དག་ནས་དུས་སང་ལྷ་ལྕམ་རྗེ་བཙུན་པད་མ་མཆོག་གི་གྱ་སྟོན་སྲུང་བརྩི་ཞུ་རྒྱུའི་འདུན་པ་གླེང་སློང་བྱུང་འབྲས་ལ་བརྟེན་ང་ཚོས་གྱ་སྟོན་གོ་སྒྲིག་ཚོགས་ཆུང་བསྐོ་འཛུགས་ཞུས། 

གོ་སྒྲིག་ཚོགས་ཆུང་འདི་ནི་འཛམ་གླིང་གང་སར་བཅའ་བཞུགས་བོད་ཁྱིམ་སློབ་ཟུར་ཚོགས་པ་ཁག་དང་བོད་ཁྱིམ་ཟུར་པའི་མང་ཚོགས་ཀྱི་འཐུས་ཚབ་ལས་གྲུབ་པ་ཞིག་ཡིན། གོ་སྒྲིག་ཚོགས་ཆུང་ནས་ལྷ་ལྕམ་རྗེ་བཙུན་པད་མ་མཆོག་ལ་གྱ་སྟོན་སྲུང་བརྩི་ཞུ་འཆར་སྙན་སེང་ཞུ་རྒྱུར་བཞུགས་སྒར་དབུས་བོད་ཁྱིམ་སྤྱི་ཁྱབ་འགན་འཛིན་ལས་ཁང་བརྒྱུད་ནས་འབྲེལ་གཏུགས་ཞུས་མཐར་གང་སྐུ་མཆོག་ནས་བཀའ་ལན་འབྱོར་གསལ་ཁོང་ཉིད་ལ་གྱ་སྟོན་སྲུང་བརྩི་དགོས་མཁོ་ཅི་ནས་མེད་མོད་བོད་ཕྱི་ནང་དུ་ཡོད་པའི་བོད་ཕྲུག་ཚོའི་ཕན་བདེའི་སླད་༧གོང་ས་མཆོག་ལ་བརྟན་བཞུགས་འདེགས་འབུལ་ཞུས་ན་ལེགས་ཞེས་བཀའ་སློབ་སྤྱི་བོར་ཕེབས་བསྩལ་བྱུང་རྗེས་བོད་ཁྱིམ་དབུས་སྤྱི་ཁྱབ་འགན་འཛིན་སྐུ་ཞབས་ཐུབ་བརྟན་རྡོ་རྗེ་མཆོག་ནས་སྐུ་སྒེར་ལས་ཁུངས་སུ་སྙན་སེང་ཞུས་རྗེས་བརྟན་བཞུགས་འདེགས་འབུལ་དགོངས་བཞེས་ཐོབ་ཅིང་དངོས་གཞི་ཚེས་གྲངས་རྗེས་སུ་གཏན་འབེབས་བསྐྱང་རྒྱུའི་བཀའ་ལན་སྤྱི་བོར་སོན།    དེར་བརྟེན་དུས་སང་ཕྱི་ལོ་༢༠༢༠ཟླ་༡༠པའི་ནང་བོད་ཁྱིམ་གསར་འཛུགས་བསྐྱངས་ནས་ལོ་ངོ་དྲུག་ཅུ་འཁོར་བའི་དུས་དྲན་སྲུང་བརྩི་དང་།  ༧གོང་ས་མཆོག་ལ་སྐུ་ཚེ་ཡུན་དུ་བརྟན་པའི་གསོལ་འདེབས་བརྟན་བཞུགས་བསྟར་འབུལ།  ལྷ་ལྕམ་རྗེ་བཙུན་པད་མ་མཆོག་ལ་གྱ་སྟོན་སྲུང་བརྩི་ཞུ་རྒྱུའི་མཚོན་དུས་ཚིགས་གལ་ཆེ་གསུམ་གྱི་ཉིན་མོ་ངོ་བཞེས་གོ་སྒྲིག་ཞུ་རྒྱུར་བོད་ཁྱིམ་སྤྱི་ཁྱབ་འགན་འཛིན་ལས་ཁང་ནས་ཐུགས་ཐག་བཅད་ཟིན་པ་དགོངས་མངའ་ཞུ།

                     རྒྱལ་ཡོངས་བོད་ཁྱིམ་ཟུར་པའི་གྱ་སྟོན་གོ་སྒྲིག་ཚོགས་ཚུང་།(Global TCV Alumni Gyaton),   བརྟན་བཞུགས་གོ་སྒྲིག་ཚོགས་ཆུང་། ( Tenshug Core Committee),  དབུས་སྤྱི་ཁབ་འགན་འཛིན་ལས་ཁང་དུ་འཁོད་པའི་བོད་ཁྱིམ་ཟུར་པའི་ཚོགས་སྟེགས་(TCVHead Office Alumni desk)བཅས་ནས་བཞུགས་སྒར་རྡ་སར་གོ་སྒྲིག་ཞུ་རྒྱུའི་མཛའ་སྒོར་བོད་རིགས་སྤྱི་དང་ཡང་སྒོས་བོད་ཁྱིམ་ཟུར་པ་རྣམས་ལ་གཞུང་འབྲེལ་མགྲོན་བརྡ་འབུལ་བཞིན་ལགས་ནས་དགོངས་འཇགས་འཚལ།  དེ་བཞིན་མཛད་འཆར་བཞིན་མཛད་སྒོ་དངོས་གཞིའི་ཟླ་ཚེས་དང་ཉིན་ཞག་རྣམས་གང་འཁེལ་གཏན་འབེབས་བྱུང་རིམ་ཡོངས་ཁྱབ་བརྡ་ཐོ་གསལ་བསྒྲགས་འབུལ་འཐུས།  མཐའ་དོན་བོད་ཁྱིམ་ཟུར་པ་གང་ན་སུ་བཞུགས་དང་བོད་རིགས་སུ་གཏོགས་པ་སྤྱི་ཡོངས་ནས་མཛད་འཆར་འདི་གསུམ་ལམ་ལྷོང་ཡོང་ཆེད་འཕྱ་གྲུ་མཉམ་འདེགས་དང་བློ་སེམས་གཅིག་ཏུ་བསྒྲིལ་བའི་རེ་བསྐུལ་ཞུ་རྒྱུ་བཅས་དབུས་བོད་ཁྱིམ་སྤྱི་ཁྱབ་འགན་འཛིན་ལས་ཁང་ནས་གོང་གསལ་གོ་སྒྲིག་ཚོགས་ཆུང་གི་མགྲིན་ཚབ་མཚོན་ཆེད་པ་སངས་དོན་གྲུབ་ནས་ཕུལ།།

§  པ་སངས་དོན་གྲུབ། ཚོགས་ཆུང་གི་གི་འབྲེལ་མཐུད་པ་གཙོ་བོ།
§ ཀརྨ་རིན་ཆེན་དང་དོན་ལྷ་སྨན་ལྷ། ཨ་རི་ནིའུ་ཡོང་དང་ནིའུ་ཇར་སིའི་བོད་ཁྱིམ་སློབ་ཟུར་ཚོགས་པའི་ཚོགས་གཙོ།
§  ཀརྨ་བསོད་ནམས་རྒྱལ་མཚན། ཁེ་ན་ཌ་ཊོ་རན་ཊོ་བོད་ཁྱིམ་སློབ་ཟུར་ཚོགས་པའི་ཚོགས་གཙོ།
§  འཇིགས་མེད།
Calgary བོད་ཁྱིམ་སློབ་ཟུར་ཚོགས་པའི་འཛིན་སྐྱོང་ཚོགས་མི།
§  བསྟན་འཛིན་བཟང་མོ། དབྱིན་ཡུལ་བོད་ཁྱིམ་སློབ་ཟུར་ཚོགས་པའི་འཛིན་སྐྱོང་ཚོགས་མི།
§  བསྟན་འཛིན་མཐར་ཕྱིན། སུ་ཛེར་ལན་ཌེ་བོད་ཁྱིམ་སློབ་ཟུར་ཚོགས་པའི་ཚོགས་གཙོ།
§  ཚེ་རིང་བཟང་པོ། ཧྥ་རན་སིའི་བོད་ཁྱིམ་སློབ་ཟུར་ཚོགས་པའི་ཚོགས་གཙོ།
§  ཀརྨ་མཚོ་མོ། བལ་ཡུལ་ཀ་ཐ་མན་ཌུ་བོད་ཁྱིམ་སློབ་ཟུར་ཚོགས་པའི་ཚོགས་གཙོ།
§  བཀྲིས་ཚེ་རིང་། བལ་ཡུལ་སྤོག་ར་བོད་ཁྱིམ་སློབ་ཟུར་ཚོགས་པའི་ཚོགས་གཙོ།
§  བསོད་ནམས་རྗོ་རྗེ། ལ་དྭགས་བོད་ཁྱིམ་སློབ་ཟུར་ཚོགས་པའི་ཚོགས་གཙོ།
§  ཚེ་རིང་སྟོབས་རྒྱལ་། དྷ་ས་བོད་ཁྱིམ་སློབ་ཟུར་ཚོགས་པའི་ཚོགས་གཙོ།
§  བུ་ཆུང་གུང་པ། སྦེལ་ཀོབ་བོད་ཁྱིམ་སློབ་ཟུར་ཚོགས་པའི་འབྲེལ་མཐུད་པ།
§  བློ་བཟང་དོན་ལྡན། སེཌ་ནེ་
Sydney བོད་ཁྱིམ་སློབ་ཟུར་ཚོགས་པའི་འབྲེལ་མཐུད་པ།
§  བསྟན་འཛིན་སེངྒེ་། མེལ་བྷོར་ནེ་
Melbourne བོད་ཁྱིམ་སློབ་ཟུར་ཚོགས་པའི་ཚོགས་གཙོ།
§  བསྟན་འཛིན་རྣམ་རྒྱལ། སྦེལ་འཇམ་བོད་ཁྱིམ་སློབ་ཟུར་ཚོགས་པའི་ཚོགས་གཙོ།
§  བསམ་གཏན་ཆོས་སྒྲོན་དང་བཀྲ་ཤིས་ཉི་མ། མི་ནེ་སོ་ཊ
Minnesota ་ཁུལ་གྱི་འབྲེལ་མཐུད་པ།
§  དོན་གྲུབ་ཚེ་རིང་། དབྱིན་ལེན་གསར་པ་བྷོས་ཌོན་དང་
Amherst, CT, VT) ཁུལ་གྱི་འབྲེལ་མཐུད་པ།
§  སྤེན་པ་བུ་འཁྲིད། ཅི་ཀ་གྷོ་
Chicago ཁུལ་གྱི་འབྲེལ་མཐུད་པ།
§  བྱམས་པ་སྙན་གྲགས། པོ་ལན་ Portland,དང་།སེ་ཌེ་ལི་  Seattle & ཝེན་ཀོ་ཝེར་Vancouver ཁུལ་གྱི་འབྲེལ་མཐུད་པ།
§  བསྟན་འཛིན་ཆོས་སྒྲོན། བྷེའི་( Bay) ཁུལ་གྱི་འབྲེལ་མཐུད་པ།
§  ཨམ་མདོ་ལྷུན་གྲུབ།ཝ་ཤིང་ཊོན་ཌི་སི་ DC ཁུལ་གྱི་འབྲེལ་མཏུད་པ།
§  པདྨ་ཚུལ་ཁྲིམས། ལས་བྱེད་འབྲེལ་མཐུད་པ།
§  བསྟན་འཛིན་བཟང་པོ། ལས་བྱེད་འབྲེལ་མཐུད་པ།
§  སྤེན་པ་སྒྲོལ་མ། ཀོ་ལོ་ར་ཌོ་
Colorado ཁུལ་གྱི་འབྲེལ་མཐུད་པ།
§  བསྟན་འཛིན་བསོད་ནམས། མེ་ཌི་སོན་
Madison ཁུལ་གྱི་འབྲེལ་མཐུད་པ།
§  པ་སངས་ཚེ་རིང།
Bhutan ཁུལ་གྱི་འབྲེལ་མཐུད་པ།

 

    INVITATION TO JOIN THE TRIPLE CELEBRATION OF TENSHUG,  AMALA’S GYATHON AND TCV 

                                 61TH ANNIVERSARY IN DHARAMSALA FROM  OCT 2021 TO  OCTOBER 2021 

Dear Ex-TCVians,

Our beloved Ama Jetsun Pema la will be turning eighty on July next year.  In Tibet, there is a tradition of celebrating the 80th birthday of important personages in a grand way to express gratitude for his or her contributions and to wish him or her a very long life.   

Many TCVians have expressed a desire to similarly celebrate Amala’s Gyaton next year and accordingly we have formed a committee consisting of all TCV alumni associations (TCVAA) and alumni communities the world over.  In the last few months, the committee has worked with the TCV Head Office to make a formal request to Amala.  Amala explained that she did not wish to have elaborate celebrations planned for herself and asked that we instead offer a long-life Tenshug His Holiness the Dalai Lama on behalf of Tibetan children everywhere, both inside and out of Tibet.  TCV Director Thupten Dorjee la has made a submission to Office of His Holiness the Dalai Lama for the Tenshug and was informed that this will be approved and that the actual dates will be finalized later.  

Next year also marks the 60th founding anniversary of the TCV school system.  TCV Head Office has decided to jointly observe the anniversary in conjunction with the Tenshug offering and Amala’s Gyaton in October 2020. 

The Global TCV Alumni Gyaton and Tenshug Core Committee and the TCV Head Office Alumni Desk would like to formally invite you and your family to join in the celebrations in Dharamsala, India at the time.  Whether you are formally part of a TCVAA organization or not, we request the participation, cooperation and support of every member of the TCV family in making these events a wonderful success!

Sincerely,
Pasang Dhondup
On behalf of Global TCV Alumni Tenshug & Tenshug Organizing Core Committee

Pasang Dorjee
TCV Head Office Alumni Desk

Global TCV Alumni Tenshuk & Gyathone Organizing Committee
Pasang Dhondup, Lead Coordinator, Core Committee
Karma Rinchen/Dolha Menlha,  President, TCVAA New York & New Jersey, USA
Karma S Gyaltsen, President, TCVAA, Ontario, Canada
Jigme,  Excecutive Member, TCVAA, Calgary, Canada
Penpa Tsering Sirso ( President) , Tenzin Sangmo ( Excective Member)  TCVAA United Kingdom
Tenzin Tharchin, President, TCVAA Switzerland
Tsering Sangpo, President, TCVAA France
Karma Tsomo, President, TCVAA Kathmandu
Tashi Tsering, President, TCVAA Pokhara, Nepal
Sonam Dorjee, President, TCVAA Ladakh, India
Tsering Topgyal, President, TCVAA Dharamsala, India
Bhuchung Gungpam, Coordinator, Global TCV Bylakuppe Alumni Association
Lobsang Dhonden, Coordinator, TCVAA Sydney, Australia
Tenzin Singey, President, TCVAA Melbourne, Australia
Tenzin Namgyal Pelkong, President, TCV Alumni Belgium
Samten Choedon & Tashi Nyima, Coordinator, Minnesota
Dhondup Tsering, Coordinator, New England (Boston, Amherst, CT, VT) 
Penpa Bhuti, Coordinator, Chicago
Jampa Nyendak, Coordinator, Portland, Seattle & Vancouver
Tenzin Choedon, Coordinator, Bay Area
Lhundup Amdo, Coordinator, DC Area 
Pema Tsultrim, Staff Coordinator
Tenzin Sangpo , Staff Coordinator
Pemba Dolma, Coordinator, Colorado
Tenzin Sonam, Madison
Tenzin Choegyal , Coordinator Brisbane ( Australia)
Passang Tshering , Coordinator Bhutan


 

རྒྱལ་སྤྱིའི་བོད་ཁྱིམ་སློབ་ཟུར་བརྟན་བཞུགས་དང་གྱ་སྟོན་གོ་སྒྲིག་ཚོགས་ཆུང།

GLOBAL TIBETAN CHILDREN'S VILLAGE ALUMNI TENSHUG &  GYATHONE ORGANIZING COMMITTEE


        TENSHUG POSTPONE TO OCT 2021